ཁྱིམ་ཚང་གཏུམ་སྤྱོད་བྱེད་པ་འཕྲད་བྱུང་ན།།
འདི་ལྟར་རང་ལ་བསྲུང་སྐྱོབ་བྱེད་པར་འོས།།
别让恋爱脑,熬成家暴里的血泪:
女生遭遇家暴,
这样做才是真正的自我保护
བརྩེ་སྨྱོ་བྱེད་པ་རྣམས་རྒྱུན་དུ་སེམས་བག་སྲབ་ལ་འདས་སོང་གློད་མི་བཟོད་པར། ཕ་རོལ་པོར་གང་དེས་བསྒྱུར་བཅོས་བྱེད་སྲིད་ངེས་པའི་སྟོང་བསམ་འཆང་བཞིན་ཡོད་ནའང་། གཏུམ་སྤྱོད་མཁན་དག་ནི་སེམས་ཁོང་ནས་གཞན་ལ་ཚོད་འཛིན་དང་དྲག་སྤྱོད་བྱེད་པ་ཤ་སྟག་སྟེ། ལན་གཅིག་ཕྱིར་བཀྱེད་པ་དེ་བཞིན་དུ་ཧམ་པ་ཆེ་རུ་འགྲོ་བ་ཡིན། བརྩེ་བའི་རུམ་ལ་དྲག་སྤྱོད་ཀྱི་ངོ་བོ་རུལ་པོ་ཉར་མི་རུང་སྟེ། གཏུམ་སྤྱོད་དེ་རིགས་གཅིག་ཐོན་ན་མེད་པ་ཆགས་འགྲོ་བ་ཉིན་སྐར་ལྟར་ཡིན་པས། སེམས་བག་སྲབ་པོ་དང་ཕྱིར་བཀྱེད་བཟོད་པ་བྱས་ན་མཐར་རང་ཉིད་ལ་གནོད་འགྲོ། གཏུམ་སྤྱོད་ཀྱི་མ་རུང་བ་དང་འཕྲད་པ་ནི་ཁྱེད་རང་གི་སྐྱོན་མིན་པས། ངེས་པར་རིག་པ་དྭངས་གསལ་དང་བློ་ཐག་ཆོད་པོས། གང་ཐུབ་ཅི་ཐུབ་ཀྱིས་རང་གིས་རང་ལ་བསྲུང་སྐྱོབ་བྱེད་དགོས།
བརྩེ་བ་དང་འབྲེལ་མེད་པའི་གཏུམ་སྤྱོད་དེ། ཚོད་འཛིན་བྱེད་པའི་ལག་ཆ་ཞིག ཁྱིམ་ཚང་གཏུམ་སྤྱོད་ཟེར་བ་གཏུམ་སྤྱོད་བྱེད་མཁན་གང་དེས་དྲག་ཤུགས་ཀྱིས་གང་དེར་བརྩི་འཇོག་མི་བྱེད་པ་ཞིག་ལས་བརྩེ་བ་ཟེར་བ་དང་གཤིས་ཀ་ཟེར་བར་འབྲེལ་བ་སྤུ་ཙམ་ཡང་མེད་དེ། མི་གཞི་ཀུན་སྤྱོད་ཀྱི་ལེགས་ཉེས་ལ་རག་ལས་ཡོད། གཏུམ་སྤྱོད་ལན་གཅིག་སྤེལ་ཚར་རྗེས་ཀྱི་དགོངས་སེལ་འགྱོད་བཤགས་དང་པུས་མོ་འཛུགས་པ་ལྟ་བུ་གཏུམ་སྤྱོད་བྱེད་མཁན་གྱིས་རང་གི་རང་ལ་ཐེངས་རྗེས་མའི་གོ་སྐབས་སྤྲོད་པ་ཙམ་ལས་གཞན་གང་ཡང་མ་རེད། མ་གཞི་ནས་དགའ་རོགས་བསྒྲིགས་ཟེར་བ་ཕན་ཚུན་བརྩི་བཀུར་དང་གཅེས་སྤྲས་བྱེད་དགོས་པ་ཞིག་ལས་ཞེད་སྣང་མ་བཟོད་པར་འོས་མེད་མཐུན་ཐབས་དང་རང་མགོ་རང་བསྐོར་བྱེད་པ་ཞིག་ཡིན་ན་ག་ལ་འགྲིག བརྩེ་བ་ཁ་ལ་ཁྱེར་ཡོང་ནས་གཏུམ་སྤྱོད་བྱེད་ལ་འགེབས་བསྲུང་བྱེད་པ་ནི་རང་གཉའ་རང་མནོན་བྱེད་པ་ཞིག་སྟེ། ལུས་སེམས་ཀྱི་རྨ་ཁས་བསྲུང་དགོས་པའི་འབྲེལ་བ་དེ་འདྲར་བརྩེ་དུང་ག་ལ་ཟེར།
གཏུམ་སྤྱོད་བྱེད་པ་འཕྲད་སྐབས། བདེ་འཇགས་གཙོ་ཆེ། དཔང་རྟགས་ཉར་ཐུབ་དགོས།
恋爱脑常表现为心软、念旧,抱有"他会改"的幻想,但家暴是骨子里的控制与暴力,一次退让只会换来变本加厉的伤害。别用感情滤镜掩盖暴力本质,家暴只有0次和无数次,心软与退让只会将自己逼入绝境。遭遇家暴不是你的错,唯有清醒、果断、全力保护自己才是唯一出路。
认清家暴真相:暴力与爱无关,是掌控关系的手段 家暴的本质是施暴者通过暴力压制反抗、摧毁自尊,与爱无关,与脾气无关,只关乎人品与人性。第一次暴力后的道歉、忏悔、下跪,不过是施暴者为继续实施暴力而铺设的台阶。恋爱本应是被爱、被尊重、被珍惜,而非在恐惧中妥协、在伤害中自我欺骗。用“感情”为暴力开脱,是对自我价值的否定,需要忍受伤害才能维系的关系,从一开始就不配称为爱。
遭遇家暴时:安全第一,证据为王
༡ གཏུམ་སྤྱོད་ཕོག་སྐབས། ཕ་རོལ་པོ་དེར་ངར་སློང་མི་རུང་བར་ས་ཡུལ་དེ་ནས་ཁ་བྲལ་རྒྱུ་གཙོར་བྱས་ཐོག གློག་མིག་ཡོད་སའི་སྤྱི་པའི་ས་ཆའམ་དགའ་ཉེ་སྤུན་མཆེད་ལ་རོགས་ཞུ་བྱས་ནས་རང་ཉིད་བདེ་འཇགས་ཡོང་ཐབས་བྱེད་དགོས།
༢ གཏུམ་སྤྱོད་ཕོག་ཚར་རྗེས། རྨས་སྐྱོན་ཕོག་པ་ཧ་ཅང་ཆུང་ཆུང་ཡིན་རུང་། འཕྲལ་དུ་ཉེན་རྟོགས་པར་ཞུ་དགོས་ལ། ཉེན་རྟོགས་པའི་ཟིན་བཀོད་དེ་ཁྲིམས་ཀྱི་དཔང་རྟགས་སུ་འགྱུར་བ་བྱས་ཐོག་རྨས་ཚུལ་གསལ་འབྱེད་བྱེད་དགོས་ཏེ། རྨ་ཁ་ཆུང་ངུའང་གང་དེའི་གཏུམ་སྤྱོད་ར་སྤྲོད་བྱེད་ཐུབ།
༣ དཔང་རྟགས་ཉར་ཚགས་བྱེད་དགོས་ཏེ། ས་ཡུལ་དངོས་ཀྱི་པར་དང་བརྙན། རྨ་ཤུལ་གྱི་པར། གཏུམ་སྤྱོད་མཁན་གྱིས་དམའ་འབེབས་དང་འཇིགས་སྐུལ་བྱས་པའི་སྒྲ་དང་། ཁས་ལེན་ཡི་གེ་དང་དགོངས་སེལ་ཡི་གེ གྲོང་པ་ཁྱིམ་མཚེས་དང་དགའ་ཉེ་སྤུན་མཆེད་ཀྱི་དཔང་ཚིག་ལྟ་བུ་ཉར་
དགོས་ཏེ། ཕྱིས་སུ་ཞུ་སྦྱོར་གཉེན་འཐོར་རམ་བདེ་འཇགས་བསྲུང་སྐྱོབ་བྱེད་རེ་ཞུ་བྱེད་པ། གྱོན་གུན་ཁ་གསབ་རྩོད་ལེན་བྱེད་པར་ཕན་ཐོགས་ཡོད།
1. 暴力发生时:避免正面反抗激怒对方,优先脱离现场,跑到有监控的公共区域或联系信任的亲友求助,确保自身安全。
2. 暴力发生后:即使伤势轻微,也需立即报警,让警方记录成为法律证据,并要求做伤情鉴定。轻微伤的鉴定报告同样能证明暴力行为。
3. 留存证据:保存家暴现场的照片、视频,伤痕照片,施暴者的辱骂、威胁记录(聊天记录、语音),保证书、道歉信,以及邻居、朋友的证人证言。这些证据是后续起诉离婚、申请人身安全保护令、争取赔偿的关键,也是让施暴者付出代价的底气。
ཕྱིང་ཧྲུལ་གནམ་འཕྱར་ངོ་ཚར་མི་འཛིན་པར། གཞན་ཕྱོགས་ལ་རོགས་ཞུ་བྱེད་དགོས།
༡ དགའ་ཉེ་སྤུན་མཆེད་ཀྱི་རྒྱབ་སྐྱོར། ནང་མི་སྤུན་མཆེད་དང་རོགས་པར་འབྲེལ་གཏུགས་ཀྱིས། རང་ལ་འཕྲད་པའི་གནས་ཚུལ་དྲང་པོར་བཤད་དེ་རོགས་པ་རྒྱབ་སྐྱོར་རེ་ཞུ་བྱེད་པ་ལས་རང་གཅིག་པུས་མྱོང་མི་དགོས།
༢ ཚན་པ་ཁག་སྟེ་བུད་མེད་མཉམ་སྦྲེལ་དང་གྲོང་ལྷན་སོགས་ནས་སེམས་ཁམས་གསེས་དཀྲོལ་དང་ཁྲིམས་ཀྱི་རོགས་སྐྱོར། སྐབས་འཕྲལ་བཀོད་སྒྲིག་ལྟ་བུའི་ཞབས་ཞུ་རེ་ཞུ་བྱེད་དགོས།
༣ ཁྲིམས་ཀྱིས་ཁེ་དབང་བསྲུང་དགོས་པ་སྟེ། ༡༡༠ ལ་ཉེན་བརྡ་དང་༡༢༣༣༨ བུད་མེད་ཁེ་དབང་སྲུང་སྐྱོབ་ཐད་སྦྲེལ་ཨང་གྲངས་ལྟ་བུ་བརྒྱུད། ཆེད་ལས་མི་སྣའི་ཁྲིམས་ཀྱི་གོ་ཚོན་ལས་རང་ཉིད་ལ་སྲུང་སྐྱོབ་བྱེད་དགོས། ཁྱིམ་ཚང་གཏུམ་སྤྱོད་ཕོག་པ་ངོ་ཚ་དགོས་པ་ཞིག་མིན་ལ། མི་གཞན་ལ་རོགས་སྐྱོར་རེ་ཞུ་བྱེད་པའང་གཉོམ་ཆུང་མིན་པས། རང་ཉིད་ཀྱི་ཚེ་སྲོག་ལ་འགན་ཁུར་ནས་གཞན་ལ་རེ་ཞུ་བྱས་སྟེ་དཀའ་ངལ་དེ་ལས་གྲོལ་ཐུབ་པ་དགོས།
གཏུམ་སྤྱོད་སྤེལ་མཁན་དང་གཏན་དུ་གྱེས་ཏེ། ཕྱི་བལྟས་ཀྱང་བསློག་པར་མ་བྱེད་ཅིག གཏུམ་སྤྱོད་སྤེལ་མཁན་དེས་གཏུམ་སྤྱོད་སྤེལ་ཚར་རྗེས་ངུ་བཞིན་དགོངས་སེལ་ཞུ་བའམ་སེམས་ཁུར་རམ་འཇིགས་སྐུལ་གང་བྱེད་ཀྱང་རུང་། སྐབས་དེའི་དུས་བརྩེ་སྨྱོ་བྱེད་པ་མ་གནང་ལ།
གལ་ཏེ་མུ་མཐུད་བརྩེ་སྨྱོ་གནང་ན་ཡང་ནས་བསྐྱར་དུ་གཏུམ་སྤྱོད་ཀྱི་འོག་ཏུ་རྨས་སྐྱོན་ཕོག་སྲིད་པས། རིག་པ་དྭངས་གསལ་གྱིས་རང་ལ་དངོས་སུ་དགའ་ཞིང་བརྩེ་བ་ཡོད་མཁན་གྱིས་རང་ཉིད་ལ་ལག་པ་རྩ་བ་ན་བཀྱག་མི་སྲིད་པ་ཤེས་དགོས།
寻求外界帮助:放下“家丑”包袱,主动求助
1. 亲友支持:联系家人、闺蜜,坦诚遭遇,寻求陪伴与支持,避免独自承受。
2. 机构援助:向妇联、居委会、村委会求助,这些机构可提供心理疏导、法律援助、临时安置等服务。
3. 法律维权:拨打110报警、12338妇女维权热线,专业人员会指引维权路径,帮助用法律武器保护自己。 记住,遭遇家暴不是耻辱,施暴者的行为才是;向他人求助不是软弱,而是对生命的负责。你并非孤身一人,外界的援手能帮你走出困境。
彻底离开施暴者:斩断联系,拒绝回头 施暴者常在暴力后用痛哭道歉、关怀承诺甚至威胁(孩子、财产、家人安危)挽回关系。
恋爱脑者易被表象打动,选择回头,结果往往陷入循环。需清醒认识到:真正爱你的人不会动手,真正知错的人会用行动承担后果。 离开需彻底果断
༡ ཁ་པར་ཨང་གྲངས་བརྗེ་བའམ་ཕ་རོལ་པོ་དེ་ནག་གསུབ་གཏོང་བ། ཡང་ན་སྡོད་གནས་སྤོས་པ་ལྟ་བུས་གཏུམ་སྤྱོད་སྤེལ་མཁན་དེ་དང་རྒྱང་དུ་གྱེས་དགོས།
༢ གལ་ཏེ་གཉེན་སྒྲིག་བྱས་ཚར་ཡོད་ན་འཕྲལ་དུ་ཞུ་སྦྱོར་གཉེན་འཐོར་གྱིས། དཔང་རྟགས་དག་བཏོན་ནས་གཉེན་འཐོར་དཔྱད་གཅོད་ཐུབ་པ་བརྒྱུད་རང་གི་བདེ་འཇགས་ལ་འགན་སྲུང་ཐུབ་པའི་ཁྲིམས་ཀྱི་བཀའ་རྒྱ་ལྟ་བུ་ཐོབ་པ་བྱས་ཏེ། རང་ཉིད་ལ་ཕ་རོལ་པོ་དེས་བསུན་པོ་མི་བཟོ་བ་བྱེད་དགོས།
༣ གལ་ཏེ་ཕྲུ་གུ་ཡོད་ན་དེ་བས་ཀྱང་བློ་ཐག་ཆོད་པོས་གཏུམ་སྤྱོད་མཁན་དེ་དང་བྲལ་དགོས་ཏེ། གཏུམ་སྤྱོད་དྲག་ཤུགས་ཀྱིས་ཕྲུ་གུར་སྤྲད་པའི་ཤུགས་རྐྱེན་ནི་ཕ་མ་ཡ་ཆགས་སུ་གྱུར་པ་ལས་ཀྱང་ཆེ་བས། བློ་སྤོབས་ཆེན་པོས་དྲང་གཞག་མིན་པར་ངོ་རྒོལ་དང་རང་ཉིད་ལ་སྲུང་སྐྱོབ་བྱེད་ཐུབ་ན། ཕྲུ་གུར་ཡང་མིག་དཔེ་བཟང་པོ་ཞིག་བཏོད་ཐུབ།
མཇུག་ཏུ། ཁྱེད་རང་གི་ཚེ་སྲོག་དང་རང་བཀུར་རང་བརྩི་ནི་ལྟ་བཟོ་མེད་པའི་བརྩེ་དུང་ལས་ཀྱང་གལ་ཆེ་བ་ཡོད་པས། གཏུམ་སྤྱོད་ཀྱི་རྨས་སྐྱོན་ཕོག་བཞིན་ཡོད་རུང་ད་དུང་བརྩེ་སྨྱོ་བྱེད་དང་སྟོང་བསམ་བྱེད་མཁན་གྱི་བུ་མོ་ཚོར་ཞུ་འདོད་པར། ཚེ་སྲོག་ནི་ལྟ་བཟོ་ཁྱོན་ནས་མེད་པའི་བརྩེ་དུང་ཟེར་བ་ཞིག་ལས་ལྡབ་ཁྲི་ཕྲག་གིས་ལྷག་པ་ཡོད་ཅིང་།
རང་བཀུར་རང་བརྩི་ནི་ཆ་མཐུན་ཡོངས་རྫོགས་ཟེར་བ་ལས་ཀྱང་གལ་ཆེ་བས། གཏུམ་སྤྱོད་ཕོག་པ་རང་མཚང་མིན་ཏེ་གཏུམ་སྤྱོད་སྤེལ་མཁན་གྱི་ཉེས་པ་རེད། དེ་དང་རྒྱང་དུ་བྲལ་བ་ཕམ་ཁ་མིན་པར་རང་ཉིད་རང་གིས་སྐྱོབ་སྟངས་ཤིག་ཡིན་པས། བློ་སྤོབས་ཆེན་པོས་ངོ་རྒོལ་བྱེད་དགོས།ཁྱེད་རང་ལ་ཞི་འཇམ་བརྩེ་འདང་ངོ་མ་དེ་ཐོབ་པར་འོས།། །།
1. 换手机号、拉黑联系方式、搬离共同居住地,切断施暴者寻找你的途径。
2. 若已结婚,立即提起离婚诉讼,凭证据要求法院判决离婚,并申请人身安全保护令,禁止对方靠近或骚扰。
3. 若有孩子,更应果断离开。充满暴力的家庭对孩子的伤害远大于单亲家庭,勇敢反抗不公、保护自己,才是给孩子树立的正确榜样。
最后:你的生命与自尊,远比糟糕的感情珍贵 想对所有深陷家暴、仍抱有恋爱脑幻想的姑娘说:生命比一段糟糕的感情珍贵一万倍,自尊比所谓的“完整”重要得多。
家暴不是“家丑”,而是施暴者的罪行;离开不是失败,而是对自己的救赎。勇敢说“不”,你值得被温柔以待。
主编:白玛国吉(藏语翻译)
主编:索朗曲珍(汉语文案)(海报)
责编二审:次仁多吉